当前位置:首页 > 正文

关于征集人社(医保)领域群众身边不正之风和腐败问题线索的公告

  • 2026-06-26
知了商机大师:让 AI 每天把值得投的项目和打法送到你面前

项目名称: 关于征集人社(医保)领域群众身边不正之风和腐败问题线索的公告

招标公司: 西藏错那市夏日路错那市人力资源和社会保障局

项目地区:西藏 山南

免费查看原文

关于征集人社(医保)领域群众身边不正之风和腐败问题线索的公告

2026年3月20日18:55

为深入贯彻落实党中央、国务院关于整治群众身边不正之风和腐败问题的决策部署,按照西藏自治区、山南市、错那市纪委监委关于开展群众身边不正之风和腐败问题集中整治攻坚决战工作的安排,切实维护广大群众合法权益,规范人社(医保)领域管理,现面向社会公开征集我市人社(医保)领域以下三个方面的突出问题线索。现将有关事项公告如下:

མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེདམངཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་དམགའཐབ་མཐའ་གཅིག་ཏུ་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དང་། ལྷོ་ཁ་གྲོང་ཁྱེར། མཚོ་སྣ་གྲོང་ཁྱེར་བཅས་ཀྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་བཀོད་སྒྲིག་གཞིར་བཟུང་། རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་(སྨན་བཅོས་འགན་བཅོལ)ཁྱབ་ཁོངས་ཀྱི་དོ་དམ་ཚད་ལྡན་དུ་གཏོང་ཆེད།ད་ཆ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་རང་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་(སྨན་བཅོས་འགན་བཅོལ)ཁྱབ་ཁོངས་སུ་མངོན་གསལ་དོད་པའི་གནད་དོན་ཡོངས་བསྒྲགས་ངང་བསྡུ་ལེན་བྱ་རྒྱུ་ཡིན་པས་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ་ལྟར་་་་་།

一、征集时间

དང་པོ། འཚོལ་བསྡུ་བྱེད་པའི་དུས་ཚོད།

2026年3月-12月

2026ལོའི་ཟླ་3པ་ནས་ཟླ་12པའི་བར།

二、征集范围及重点内容

གཉིས་པ། འཚོལ་བསྡུའི་ཁྱབ་ཁོངས་དང་ནང་དོན་གཙོ་བོ།

(一)医保基金管理使用突出问题

(གཅིག)སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་དང་བེད་སྤྱོད་བྱེད་པའི་འབུར་ཐོན་གནད་དོན།

1.定点医疗机构:虚构诊疗、分解住院、过度检查、违规收费、串换项目、挂床住院套取基金;

1.གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་ཁོངས་སུ། ནད་བརྟག་སྨན་བཅོས་རྫུན་བཟོ་དང་། སྨན་ཁང་དུ་སྡོད་པ། བརྟག་དཔྱད་ཚད་ལས་བརྒལ་བ། སྒྲིག་འགལ་ངང་གྲོན་དངུལ་བསྡུ་བ། རྣམ་གྲངས་བརྗེ་རེས་བྱེད་པ། ཉལ་ཁྲི་ཟིན་ནས་སྨན་ཁང་དུ་བསྡད་དེ་ཐེབས་རྩ་གཡོ་ལེན་བྱེད་པ་བཅས་ཡིན།

2.定点零售药店:刷医保卡购买日用品、串换药品、虚开发票、盗刷个人账户;

2.གནས་གཏན་འཁེལ་གྱི་སྨན་རྫས་སིལ་ཚོང་ཁང་གི་ཁོངས་སུ།སྨན་བཅོས་འགན་བཅོལ་གཱ་སྤྱད་དེ་རྒྱུན་མཁོའི་དངོས་རྫས་ཉོ་བ་དང་། སྨན་རྫས་བརྗེ་བ། འཛིན་ཤོག་རྫུན་མ་འབྲི་བ། མི་སྒེར་གྱི་རྩིས་ཁྲ་རྐུ་བའི་རིགས།

3.参保个人:冒名就医、伪造票据、虚假报销、重复享受待遇;

3.འགན་བཅོལ་ནང་ཞུགས་པའི་མི་སྒེར་གྱི་མིང་རྫུས་ནས་སྨན་བཅོས་བྱེད་པ་དང་། འཛིན་ཤོག་རྫུན་བཟོ་བྱེད་པ། འགྲོ་སོང་རྩིས་ཞུ་རྫུན་མ་བྱེད་པ། ཡང་བསྐྱར་ཐོབ་ཐང་ལོངས་སྤྱོད་བྱེད་པའི་རིགས།

4.经办机构:审核不严、违规拨付、拖延结算、内外勾结、优亲厚友、失职渎职;

4.སྒྲུབ་གཉེར་ཚན་པས་ཞིབ་བཤེར་ནན་པོ་མི་བྱེད་པ་དང་། སྒྲིག་འགལ་ངང་གཏོང་སྤྲོད་བྱེད་པ། བསྡོམས་རྩིས་རྒྱག་རྒྱུ་ནར་འགྱངས་བྱེད་པ། ཕྱི་ནང་ངན་འབྲེལ་བྱེད་པ། གཉེན་ཉེ་དང་གྲོགས་པོར་ལྟ་རྟོག་བྱེད་པ། འགན་འཁྲི་ཤོར་ནས་ལས་འཛོལ་བྱེད་པའི་རིགས།

5.监管不力:有案不查、查而不处、处罚偏轻、线索不移送;

5.ལྟ་སྐུལ་དོ་དམ་ཡག་པོ་མེད་པ་སྟེ། གྱོད་གཞི་ཡོད་ཀྱང་ཞིབ་བཤེར་མི་བྱེད་པ་དང་། ཞིབ་བཤེར་ཐག་གཅོད་མི་བྱེད་པ། ཆད་པ་ཡང་དྲགས་པ། ཁུངས་སྣེ་སྐྱེལ་སྤྲོད་མི་བྱེད་པ།

(二)深化养老服务突出问题整治

(གཉིས) རྒན་གསོའི་ཞབས་ཞུའི་ཁོངས་སུ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པ།

1.养老保险:死亡冒领、重复领取、虚假材料办理退休、截留克扣养老金、违规认证;

1.རྒན་གསོའི་ཉེན་འགོག་འགན་ལེན་གྱི་ཁོངས་སུ། འདས་གྲོང་དུ་སོང་བའི་རོགས་དངུལ་སོགས་གཡོ་ལེན་དང་། བསྐྱར་ལེན། རྫུན་བཟོ་བཅས་བྱས་ནས་ལས་འཁྱུར་ངལ་གསོ་བྱེད་པ་དང་། རྒན་གསོའི་འཚོ་དངུལ་བཀག་ཉར་དང་འཕྲི་འཐེན་བྱེད་པ། སྒྲིག་འགལ་གྱིས་བདེན་དཔང་ར་སྤྲོད་བྱེད་པ་བཅས་ཡིན།

2.经办窗口:刁难群众、重复要材料、违规收取“代办费”“好处费”、漠视老年人诉求;

2.ལས་གཉེར་ལས་སྟེགས་སམ་ལས་གཉེར་སྒེའུ་ཁུང་ཁོངས་སུ། མང་ཚོགས་ལ་ཁག་པོ་བཟོ་བ། འབྲེལ་ཡོད་དཔྱད་ཡིག་དང་སྤེ་སེ་ཡང་སྐོར་བསྐྱར་སྐོར་ལེན་པ། སྒྲིག་འགལ་གྱིས"ཚབགཉེར་གྲོན་དངུལ"དང"ཕན་ཆ་ཐོབ་པའི་གྲོན་དངུལ"བསྡུ་བ། རྒན་རྒོན་གྱི་རེ་ཞུ་སྣང་མེད་དུ་གཏོང་བ་བཅས་ཡིན།

3.基层经办:优亲厚友、违规认定待遇、擅自缩减发放标准、数据造假;

3.གཞི་རིམ་གྱི་ལས་གཉེར་གྱི་ཁོངས་སུ། གཉེན་ཉེ་དང་གྲོགས་པོར་ལྟ་སྐྱོང་དང་། སྒྲིག་འགལ་གྱིས་ཐོབ་ཐང་ངོས་འཛིན། རང་འདོད་ཀྱིས་གཏོང་སྤྲོད་ཚད་གཞི་དང་གཞི་གྲངས་རྫུན་མ་བཟོ་བ་བཅས་ཡིན།

(三)治理 “双拖欠”民工工资问题

(གསུམ)"གཉིས་ཆད"ཀྱི་ལས་མིའི་གླ་ཕོགས་ཀྱི་གནད་དོན་ལེགས་བཅོས་བྱེད་དགོས་པ།

1.重点领域:工程建设、政府投资项目、国企项目、劳动密集型企业欠薪;

1.གཙོ་གནད་ཁྱབ་ཁོངས་སུ་ལས་གྲྭ་འཛུགས་སྐྲུན་དང་། སྲིད་གཞུང་གིས་མ་འཇོག་རྣམ་གྲངས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་རྣམ་གྲངས།ངལ་རྩོལ་འདུས་ཚད་ཆེ་བའི་ཁེ་ལས་བཅས་ཀྱི་གླ་ཕོགས་འགྱངས་ཆད་བྱས་པའི་རིགས།

2.制度不落实:未开工资专户、未实名制、未总包代发、未缴工资保证金;

2.ལམ་ལུགས་དོན་འཁྱོལ་མི་བྱེད་པ་སྟེ། གླ་ཕོགས་ཀྱི་ཆེད་སྤྱོད་རྩིས་ཁྲ་བཟོས་མེད་པ་དང་། མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་མེད་པ། སྤྱིའི་འགན་གཙང་ལེན་བྱས་མེད་པ། གླ་ཕོགས་ཀྱི་ཁག་ཐེག་དངུལ་སྤྲད་མེད་པའི་རིགས།

3.违法违规:违法发包、转包、分包、挂靠,以工程款为由拒付工资,恶意欠薪、逃匿;

3.ཁྲིམས་འགལ་ངང་འགན་གཙང་སྤྲོད་པ་དང་། འགན་གཙང་གཞན་སྤྲོད་བྱེད་པ། འགན་གཙང་བགོས་པ། ཟུར་བརྟེན་བྱེད་པ། ལས་གྲྭའི་དངུལ་རྒྱུ་མཚན་དུ་བྱས་ནས་གླ་ཕོགས་མི་སྤྲོད་པ། བསམ་ངན་བཅངས་ནས་གླ་ཕོགས་ཆད་སྤྲོད་བྱེད་པ། བྲོས་བྱོལ་བྱེད་པ་བཅས་ཀྱི་རིགས།

4.处置不力:投诉不受理、案件久拖不决、部门推诿、失信惩戒不到位;

4.ཞུ་གཏུག་བདག་སྤྲོད་མི་བྱེད་པ་དང་། གྱོད་གཞི་ནར་འགྱངས་བྱས་ནས་ཐག་གཅོད་མི་བྱེད་པ། ལས་ཁུངས་ཚན་པས་འགན་འཁྲིར་གཡོལ་བ། ཁ་དན་ཚིག་ལ་མ་གནས་པ་བཅས་ཀྱི་རིགས།

5.其他涉及拖欠农民工工资的违法违规问题;

5.ཞིང་པ་ལས་མིའི་གླ་ཕོགས་དུས་འགྱངས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་གཞན་དག་བཅས་ཡིན།

三、举报方式

གསུམ་པ། ཐེར་འདོན་བྱེད་སྟངས།

欢迎社会各界和广大人民群众通过以下途径提供线索:

སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གཤམ་གསལ་གྱི་ཐབས་ལམ་བརྒྱུད་ནས་ཁུངས་སྣེ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

1.举报电话:

1.ཐེར་འདོན་གོང་ཞུའི་ཁ་པར།

错那市人力资源和社会保障局(医疗保障局): 查看完整信息(医保基金监管/社保基金监督)

错那市人力资源和社会保障局劳动监察大队: 查看完整信息(拖欠工资举报专线)

སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་དང་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་ཆེད་སྤྱོད་ཁ་པར་查看完整信息

གླ་ཆ་འགྱངས་ཆད་ཀྱི་ཐེར་འདོན་ཆེད་སྤྱོད་ཁ་པར་查看完整信息

2.来信来访地址:

2.ཡིག་སྐུར་ངོ་གཏུག་གི་ས་གནས།

西藏错那市夏日路错那市人力资源和社会保障局(医疗保障局),邮编: 856700。

བོད་ལྗོངས་མཚོ་སྣ་གྲོང་ཁྱེར་ཤར་རི་ལམ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད(སྨན་བཅོས་འགན་སྲུང་ཅུད)དང་སྦྲག་ཨང་856700

四、有关事项

བཞི། འབྲེལ་ཡོད་དོན་ཚན།

1.提倡实名举报,我们将严格保护举报人个人信息和合法权益。对打击报复举报人的,将依法从严惩处。

1.མིང་ངོ་མའི་ཐོག་ནས་ཐེར་འདོན་བྱ་དགོས་པ་དང་།ང་ཚོས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱས་ཏེ་གསང་བ་ཕྱི་རུ་མི་གྱར་བ་བྱ་རྒྱུ་ཡིན།ཐེར་འདོན་གོང་ཞུ་བྱེད་མཁན་ལ་རྡུང་རྡེག་འཁོན་སློག་བྱས་ཚེ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ།

2.举报人应本着实事求是的原则,如实反映问题。对捏造事实,诬告、陷害他人的,依法追究法律责任。

2.ཐེར་འདོན་བྱེད་མཁན་གྱིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར་གནད་དོན་ཇི་མ་ཇི་བཞིན་ཞུ་དགོས་ལ། དོན་དངོས་རྫུན་བཟོ་དང་། སྙོན་འཛུགས་ཞུ་སྦྱོར། མ་ཉེས་ཁག་གཡོགས་བཅས་བྱས་ཚེ་ཁྲིམས་ལྟར་འགན་འཁྲི་ཚ་འདེད་བྱ་རྒྱུ།

3.举报内容应尽量详细具体,包括涉及人员、时间、地点、事实经过、相关证据等,以便核查。

3.ཐེར་འདོན་གྱི་ནང་དོན་ཞིབ་ཕྲ་དགོས་ཤིང་། དེའི་ནང་འབྲེལ་ཡོད་མི་སྣ་དང་། དུས་ཚོད། ས་གནས། དོན་དངོས་བརྒྱུད་རིམ། འབྲེལ་ཡོད་དཔང་རྟགས་སོགས་ཚུད་ཡོད།

4.本公告主要征集上述三个方面的突出问题线索,其他信访诉求请通过正常渠道反映。

特此公告。

4.སྤྱི་བསྒྲགས་འདིས་གཙོ་བོ་གོང་གསལ་ཕྱོགས་གསུམ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་གྱི་ཁུངས་སྣེ་འཚོལ་བསྡུ་བྱེད་པ་ལས། ནམ་རྒྱུན་གྱི་ཡིག་བསྐུར་ངོ་གཏུག་གི་རེ་ཞུ་གཞན་དག་རྒྱུན་གཏན་གྱི་ཐབས་ལམ་བརྒྱུད་ནས་ཞུ་དགོས།

དེ་དོན་ཆེད་དུ་སྤྱི་བསྒྲགས་འདི་སྤེལ།

错那市人力资源和社会保障局(医疗保障局)

མཚོ་སྣ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད(སྨན་བཅོས་འགན་སྲུང་ཅུད)ནས།

2026年3月20日

2026ལོའི་ཟླ་3ཚེས་20ཉིན་ལ།

免费查看最新招中标公告

AI AI赋能招投标全流程 从找项目到投标,AI 全程帮你提效